ངའི་རྨི་ལམ་འདི་ང་དང་ཇེ་རིང་དུ་གྱུར་ སོང་།
ངེས་མེད་རླུང་བུས་རྒྱབ་ནས་དེད་དུས་གང་དུ་འཕངས་མིན་མི་ཤེས་ལ།།
བསེར་བུ་ལངས་པའི་ ཐལ་འཚུལ་ཁྲོད་ནས་སུ་དང་གང་ཡང་མི་མཐོང་ཞིང་།།
ལོང་བ་ཇི་བཞིན་ལག་སྙོབས་བྱས་པས་གསེར་གྱི་ མཆོད་རྟེན་ལག་པས་ཟིན།།
གསེར་གྱི་ལྷ་ཁང་འོད་སྟོང་འབར་བ་ང་ཡི་སྐྱབས་ཀྱི་རྟེན་དུ་བཞུགས།།

ཡབ་ཆེན་དམ་པའི་བྱམས་སྐྱོང་དང་ནི་དགེ་རྒན་མཁས་པའི་བཀའ་དྲིན་འོག།
རྨོངས་པ་མིན་པའི་ མི་ཚེ་ཞིག་གི་དབུ་ཁྱུད་རི་མོ་འདི་ན་བཀོད།།
མི་ཚེ་ཐུང་ངུའི་གོག་འགྲོས་འདི་ལ་རྫོགས་ཚིག་ བཞི་ཤད་མ་བྲིས་པར།།
མི་མངོན་སེམས་ཀྱི་སྙིང་སྟོབས་ཤིག་གིས་ལྷག་བཅས་འབུམ་གྱི་ཚིག་ཕྲད་ སྦྱར།།

མི་ཚེ་ཐུང་ངུའི་ཤུལ་དུ་བཞག་པའི་ལག་རྗེས་རྡོ་རིང་ཆག་པོ་འདིར།།
གསེར་དང་དངུལ་གྱི་ ཚོན་རྩིས་ཤིག་གིས་ཕྱི་ནས་ཡོངས་སུ་བཀབ་སྙམ་ནས།།
ཕྱོགས་ནས་ཕྱོགས་སུ་ ཚོན་རྩིས་ཉོ་བའི་ངལ་བ་འབུམ་དུ་བསྟེན་ན་ཡང་།།
རྡོ་རིང་འདི་ལ་བྱུག་པར་འོས་པའི་མཚོན་མདངས་ ནམ་ཡང་རྙེད་མ་གྱུར།།

མཚན་གྱི་སྙན་པས་གནམ་ས་བསྒུལ་བའི་ཡུལ་ལུང་མང་པོའི་སྒོ་ཆེན་ འགྲིམས།།
མཁས་པའི་རློམ་པས་ དགུང་དུ་བཏེགས་པའི་མཁས་རློམ་མང་པོའི་རང་མཚང་མཐོང་།།
ཤོག་ལྷེ་སྐམ་པོའི་ མིང་གཡང་འོག་ནས་མི་བུ་མང་པོས་འདུར་རྒྱུགས་རྩེན།།
གོས་ཆེན་ཞིག་གིས་ ཕྱི་ནས་བཏུམ་པའི་མི་གཙང་སྐྱག་པའི་སྐྱག་ཚང་རིག།

དེང་རབས་རིག་པའི་འཕྲུལ་ལ་བརྟེན་ནས་དྲི་ཞིམ་མངར་མོ་ཕྱོགས་སུ་ གཏོར།།
ཕྲ་བོའི་མཚོན་ མདངས་ཕྱི་ནས་བཀུས་ཏེ་ནང་གི་རང་མཚང་བཀབ་པར་བྱས།།
མིང་བྱང་ཆེན་པོའི་ ཁ་གཡང་འོག་ནས་ཐམས་ཅད་འོག་ཏུ་སྦས་པར་བྱས།།
རླུང་བུ་ཞིག་གིས་མིང་བྱང་བཀོག་ན་ཡོད་ཚད་ སྟོང་པའི་ཉེན་ཁ་ཆེ།།

མིག་གིས་མཐོང་བའི་ལྟད་མོ་འདི་ཀོ་སྒྱུ་མ་ཉིད་དུ་ཤེས་གྱུར་ལ།།
གཟུགས་བརྙན་ལྟ་ བུའི་སྣང་ཚུལ་འདི་ཡིས་ཡོད་ཚད་རྫུན་པའི་ངེས་ཤེས་སྟེར།།
ཡུན་རིང་སེམས་ཀྱི་ རྨི་ལམ་དེ་ཀོ་རྨི་ལམ་ཉིད་དུ་གནས་གྱུར་ཅིང་།།
རྨི་ལམ་འདི་ཉིད་བསྐྱར་དུ་རྨིས་པའི་ཡིད་ཀྱི་ འདུན་པ་རྩད་ནས་ཆད།

No comments:
Post a Comment